ནོར་འཛིན་སྐྱིད་ཀྱི་གཞས་གསར་ཁག་ཅིག



                                              
བོད་ཀྱི་གཞོན་སྐྱེས་གླུ་མ་ནོར་འཛིན་སྐྱིད་ཀྱི་གླུ་སྐད་སྙན་མོས་རྒྱ་ཆེའི་ཉན་མཁན་གང་མང་ཞིག་ལ་སྔར་ནས་བག་ཆགས་ཟབ་མོ་ཞིག་བཞག་ཡོད་ཀྱང་། བོད་ཀྱི་གླུ་གར་སྡིངས་ཆའི་སྟེང་དུ་ལྟོས་འཇོག་གིས་ཁོ་མོའི་གླུ་སྐད་ནི་དེ་ཙམ་རྒྱུག་མི་ཆེ། དེ་ཡང་ད་ལྟའི་བར་དུ་མོ་ལ་སྐོར་ཞིག་གིས་རླུང་རྟ་སྤུར་སྤུར་བྱེད་བཞིན་པའི་ཆེད་སྒྲིག་བརྙན་འཁོར་སོགས་མེད་པས་ཡིན་ཡང་ཐང་། གང་ལྟར་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་དེ་དེང་རབས་གདངས་དབྱངས་སྣ་ཚོགས་སུ་སྙན་འཇེབས་ཀྱིས་སྡེབ་ལ་མཁས་པའི་གཞོན་སྐྱེས་གླུ་མ་འདིས། ད་རེབ་བོད་ཀྱི་གླུ་གར་སྡིངས་ཆ་རུ་ཆེད་སྒྲིག་བརྙན་འཁོར་གསར་བ་ཞིག་བཀྲམས་ཡོད་ལ། བརྙན་འཁོར་འདིའི་ནང་གི་གཞས་དབྱངས་དང་གཞས་ཚིག་སོགས་གསར་བ་གསར་རྐྱང་ཡིན་པར་མ་ཟད། བརྙན་གྱི་སྒྲིག་སྦྱོར་སོགས་ལ་ཡང་ཅུང་ལག་རྩལ་མཐོན་པོས་ཞིབ་ཚགས་སོགས་ཀྱི་ཆ་འབུར་ཐོན་གྱིས་གསར་བཟོ་བྱས་ཡོད་པ་རེད། དེ་བས་ཁོ་མོའི་ཆེད་སྒྲིག་བརྙན་འཁོར་ཐོག་མ་འདི་ཉིད་རྒྱ་ཆེའི་ཉན་མཁན་ཁྲི་སྟོང་མང་པོའི་ཡིད་ཀྱི་གསོས་སུ་སྨིན་ནས་བོད་ཀྱི་དེང་རབས་གླུ་གར་ལ་ཞབས་འདེགས་དྲོན་མོ་ཞིག་གི་དཔལ་དུ་ཤར་བའི་སྨོན་འདུན་དང་ཡིད་ཆེས་ཡོད།

                               
                                                                             གནས་འགྲོ་བུ་མོ།

                               
                                                                                སེམས་གཞས།

                               
                                                                ང་དང་ཕ་མ་མིང་སྲིང་གམ་ན་ཡོད།

                               
                                                                                 འཚོ་བ།

                               
                                                                            རེ་སྒུག་གི་ཉི་མ།

                               
                                                                                    ཁུ་བྱུག

                               
                                                                                དྲིན་ལན།

                               
                                                                               འཕྲིན་ཐུང་མ་སྐུར།
 

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།