མིང་དུ་གྲགས་པའི་གླུ་བ་ཡར་དུང་གིས་གློག་བརྙན་ཕབ་སྐྲུན་བྱེད་པ།



མིང་དུ་གྲགས་པའི་གླུ་བ་ཡར་དུང་།
          མིག་སྔར། མིང་དུ་གྲགས་པའི་གླུ་བ་ཡར་དུང་གིས་བོད་མི་རྣམས་སེམས་འགུག་ཐེབས་པའི་གློག་བརྙན་ཞིག་ཕབ་སྐྲུན་བྱེད་རྩིས་ཡོད་ཅིང་། ཁོང་གི་གཞས་ལ་དགའ་མཁན་དག་གིས་གླུ་བ་ཡར་དུང་ད་ལྟའི་གྲུབ་འབྲས་ལ་ཡིད་མི་ཚིམ་པར་རྒྱུས་མེད་ཀྱི་གློག་བརྙན་ཕབ་སྐྲུན་བྱེད་དོན་ཅི་ཡིན་ནམ་བསམ།
          ཉེ་ལམChina Tibet Onlineལས་བཅར་འདྲི་བྱས་ཏེ། གླུ་བ་ཡར་དུང་གིས“ངས་བལྟས་ན་བོད་དང་འབྲེལ་བའི་གློག་བརྙན་གང་མང་ཞིག་ཕབ་སྐྲུན་བྱེད་མཁན་ནི་བོད་དང་བོད་ཀྱི་རིག་གནས་ལ་ཆ་རྒྱུས་ཆེན་པོ་མེད་པའི་གློག་བརྙན་ཕབ་སྐྲུན་བྱེད་མཁན་དག་ཡིན་པས།  བོད་མི་དང་བོད་ཀྱི་རིག་གནས་སྣང་བརྙན་དེ་འཁྱོག་བརྗོད་དུ་འགྲོ་ཉེན་ཆེ”ཞེས་བཤད་རྒྱུར། 
          གླུ་བ་ཡར་དུང་ལས་རྒྱུས་ལོན་པ་ལྟར་ན། ཁོས་སྔ་མོ་ནས་འཁྲབ་གཞུང་རྩོམ་པ་པོ་དང་གློག་བརྙན་ཁང་སོགས་ལ་འབྲེལ་གཏུག་བྱས་ཟིན་པ་དང་།  བོད་མིའི་འཚོ་བ་དངོས་དང་། བོད་མིའི་རྨི་ལམ། འཚོལ་སྙེག   དེ་མིན་བོད་མིའི་གཟི་བརྗིད་སོགས་ཀྱི་སྣང་བརྙན་མངོན་པར་བཏོད་འདོད་པ་རེད།
          ཁོས“གྲོགས་པོ་མང་ཆེ་བས་ངས་གློག་བརྙན་ཕབ་སྐྲུན་བྱེད་པར་ཧུར་བརྩོན་བྱེད་བཞིན་པ་མཐོང་ཡོད་པ་དང་རྒྱབ་སྐྱོར་ཡང་གང་མང་བྱེད་ཀྱི་འདུག    ངས་གློག་བརྙན་ཕབ་སྐྲུན་བྱས་ནས་རྒྱལ་ཁ་ལོན་མིན་དེ་གལ་ཆེན་མ་ཡིན་པར།  གཙོ་བོ་རང་ཉིད་ནས་ནམ་ཡང་བརྩོན་པ་བྱེད་ཀྱི་ཡོད”ཅེས་ཟེར།
མཚོ་སྔོན་པོ་དྲ་བ།

2 comments:

  1. ཨོ་་་་་་ཡག་པོ་རེད། ངས་བལྟས་ན་ཕལ་ཆེར་སྒྲོལ་མ་ལགས་ཞེས་པའི་གློག་བརྙན་དེ་ཡིན་གྱི་རེད། དེ་སྔོན་དྲྭ་ཐོག་ནས་ཁྱབ་བསྒྲགས་ཤིག་མཐོང་སོང་།

    ReplyDelete
  2. hello དྲ་བདག་ལགས། སྐུ་ཁམས་བཟང་། བདག་ནི་ཁྱེད་ཀྱི་དྲ་ནང་དུ་ཞུགས་པའི་དགའ་བོ་བྱུང་།
    འོག་ཏུ་གཤམ་པའི་ཐ་སྙད་དེ་དག་ནོར་འདུག་སམ། གློག་བརྙན་་་་རེད་ན་་གློག་བརྙད་རེད།? སྒེར་གྱི་བསམ་ཚུལ་ལས.....

    གློག་བརྙད། ས་སྲོས་ཀྱི་སྨྲེ་སྔགས།
    གློག་བརྙད། གཟའ་ཉི་མ།

    ReplyDelete

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།