༼གངས་རིའི་སྐར་རྒྱན༽ཞེས་པའི་གླུ་གཞས་ཆེད་སྒྲིག་ཚོང་རར་བཀྲམ་རྩིས་ཡོད་པ།



སྤེལ་དུས། 2012-05-08   ཡོང་ཁུངས། རྩོམ་ཡིག་དྲ་བ།    རྩོམ་སྒྲིག་པ།  ལྗོན་སྨྱུག
  
      ༼གངས་རིའི་སྐར་རྒྱན༽ནི་སྒྱུ་རྩལ་ལ་དུང་བའི་བོད་རིགས་ཀྱི་གཞོན་སྐྱེས་རྣམས་ལ་གསར་དུ་བསྐྲུན་པའི་གར་སྟེགས་ཤིག་ཡིན།ལོ་ནས་ལོ་བར་དུ་པར་བསྐྲུན་བྱེད་བཞིན་པའི་མུ་འབྲེལ་ཆེད་བསྒྲིགས་ཆེན་མོ་༼གངས་རིའི་སྐར་རྒྱན༽ཞེས་པའི་ནང་མདོ་དབུས་ཁམས་གསུམ་ནས་ཡོང་བའི་གླུ་གཞས་ཀྱི་ཉིང་བཅུད་འདུས་ཡོད་ལ།
གནའ་དེང་མཉམ་འདྲེས་ཀྱི་སྒྱུ་རྩལ་ནས་ཐོན་པའི་གླུ་སྐད་གསར་དུ་བཞད་པའི་ལྡུམ་རྭ་ཡང་ཡིན། གལ་སྲིད་ཁྱེད་ལ་སྒྱུ་རྩལ་གྱི་ཕུགས་བསམ་ཡོད་ན། ༼གངས་རིའི་སྐར་རྒྱན༽ནི་ཁྱེད་ཀྱི་གཞིས་ཁྱིམ་དྲོན་མོ་ཡིན། ཐེངས་འདིའི་༼གངས་རིའི་སྐར་རྒྱན༽ཞེས་པའི་གླུ་གཞས་ཆེད་བསྒྲིགས་དེ་སྤྱི་ཟླ་༥བའི་ཚེས་༡༦ཉིན་དངོས་སུ་ཚོང་རར་བཀྲམ་རྒྱུ་རེད།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།