![]() |
ཞིན་ལང(sina)རོལ་ཕྲན་དུMani in windཞེས་པའི་གླུ་གཞས། |
ཉེ་སྔོན། ཨ་མེ་རི་ཁ་ན་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་ཀྱི་ཐོག་མའི་གློག་བརྙན་སྒྲ་ལེན་པ་གདུགས་དཀར་ཚེ་རིང་གིསTibet Ambientཞེས་པའི་གླུ་གཞས་ཆེད་བསྒྲིགས་འགྲེམ་སྤེལ་བྱས་ཤིང་། Google གླུ་གཞས་དངandroidཚོང་ར་གཉིས་ཀྱིས་མཉམ་དུ་སྒྲུབ་པ་ཞིག་ཡིན།
གཞས་ལ་དུངས་བའི་དྲ་གྲོགས་རྣམས་ཀྱིསandroidཚོང་ར་རུtibet ambientགཏག་རྗེས་ཆེད་བསྒྲིགས་དེ་འཚོལ་ཐུབ་ཀྱི་ཡོད།
བོད་རིགས་ཀྱི་ཐོག་མའི་གློག་བརྙན་སྒྲ་ལེན་པ་གདུགས་དཀར་ཚེ་
རིང་གི་གླུ་གཞས་ཆེད་བསྒྲིགསTibet Ambient།
འདི་ནི་སྙན་དབྱངས་འགྱུར་ཁུགས་ཀྱིས་བྱུག་པའི་གླུ་གཞས་ཆེད་བསྒྲིགས་ཅུང་ཆེ་བ་ཞིག་ཡིན་ཞིང་། ཆེད་བསྒྲིགས་ཡོངས་སུ་གངས་ལྗོངས་མཐོ་སྒང་གི་ཁ་དབུགས་སྟུག་པ་དང་། སེམས་ཁོངས་ནས་ཁྱབ་འོངས་པའི་གླུ་སྐད། སེམས་འདུན་དང་དད་པ་མུ་མཐར་ཁྱབ་པའི་གངས་ལྗོངས་ཕྱུག་མོ། ལྗིད་ཏིག་ཏིག་གི་གཞས་ཀྱི་གདངས་དབྱངས་སོགས་ལས་ཉན་མཁན་རྣམས་ལ་བརྗོད་ཐབས་བྲལ་ཞིང་ཡང་ནས་བསྐྱར་དུ་ཉན་འདོད་ཀྱི་འདུན་མ་དྲག་པོ་བསྩལ་བྱུང་།
དེ་མིན་གདུགས་དཀར་ཚེ་རིང་གིས་གླུ་གཞས་ལ་སྤྲོ་བའི་གྲོགས་པོ་རྣམས་ཀྱི་རྒྱབ་སྐྱོར་ལ་བཀའ་དྲིན་ཞུས་པར། ཞིན་ལང(sina)རོལ་ཕྲན་དུMani in windཞེས་པའི་གླུ་གཞས་བཏང་ཡོད་པ་རེད།
དེ་མིན་གདུགས་དཀར་ཚེ་རིང་གིས་གླུ་གཞས་ལ་སྤྲོ་བའི་གྲོགས་པོ་རྣམས་ཀྱི་རྒྱབ་སྐྱོར་ལ་བཀའ་དྲིན་ཞུས་པར། ཞིན་ལང(sina)རོལ་ཕྲན་དུMani in windཞེས་པའི་གླུ་གཞས་བཏང་ཡོད་པ་རེད།
ཉན་འབྲེལ་དྲ་གནས། http://music.amdotibet.com/player.aspx?398181
མཚོ་སྔོན་པོ་དྲ་བ།
No comments:
Post a Comment
སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།