ཁ་བའི་མེ་ཏོག་ཚན་སྡེབ་ཀྱི་བརྙན་འཁོར་ཐོག་མ་འགྲེམ་སྤེལ་བྱས་པ།



ཁ་བའི་མེ་ཏོག་ཚན་སྡེབ་ཀྱི་བརྙན་འཁོར་ཐོག་མ《ཁ་བའི་མེ་ཏོག་གི་དྲན་གདུང》།
         ཟླ8པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་རྨ་ཡུལ་རྩྭ་ཐང་གི་བུ་མོ་མཚེ་མ་ཁ་བའི་མེ་ཏོག་གི་བརྙན་འཁོར་ཆེད་བསྒྲིགས་ཐོག་མ《ཁ་བའི་མེ་ཏོག་གི་དྲན་གདུང》ཅེས་པ་དངོས་སུ་འགྲེམ་སྤེལ་བྱས། ཆེད་བསྒྲིགས་འདིར་བསྡོམས་པས《བཀྲ་ཤིས་པའི་བོད་ཁྱིམ》དང་། 《ཕལ་བའི་སེམས་པ》། 《གཞས་ར་ཁྲ་མོ》སོགས་གླུ་གཞས12ཏེ་བོད་གཞས6དང་རྒྱ་སྐད་གླུ་གཞས1འདུས། 

ཁ་བའི་མེ་ཏོག་ཚན་སྡེབ

ཁ་བའི་མེ་ཏོག་ཚན་སྡེབ།
         ཁ་བའི་མེ་ཏོག་ཚན་སྡེབ་ནི་བུ་མོ་མཚེ་མ་ཚེ་རིང་སྐྱིད་དང་ཚེ་རིང་མཚོ་གཉིས་ཀྱིས་གྲུབ་པ་ཡིན་ལ། མགོ་ལོག་རྩྭ་ཐང་དུ་ནར་སོན་པའི་བོད་ཀྱི་གླུ་མར་གྲགས། རྨ་ཡུལ་གྱི་མཛེས་སྡུག་ལྡན་པའི་རིག་གནས་དང་རང་བྱུང་ལས་ཁོ་མོ་གཉིས་ལ་ཡིད་འགུག་གི་སྐད་ངག་བསྩལ་ཞིང་།  རང་ཉིད་ཀྱི་འབད་བརྩོན་གང་མང་བརྒྱུད་དེ་ད་སྔ་མིང་དུ་གྲགས་བཞིན་པའི་བོད་གཞས་གར་སྟེགས་སུ་མཚན་སྙན་རྒྱས་པའི་ཚན་སྡེབ་ཏུ་གྱུར་ཡོད།
མཚོ་སྔོན་པོ་དྲ྄བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།