༢༠༡༢ལོའི་ཀྲུང་གོའི་དར་མདོ་རྒྱལ་སྤྱིའི་མཛའ་གཞས་རོལ་ཚོགས་ཟླ༩བར་སྤེལ་རྒྱུ་ཡིན་པ།


2012ལོའི་ཀྲུང་གོའི་དར་མདོ་རྒྱལ་སྤྱིའི་མཛའ་གཞས་རོལ་ཚོགས་ཟླ9བར་སྤེལ་རྒྱུ་ཡིན་པ།
དར་རྩེ་མདོའི་གཟུགས་འདས་རིག་གནས་ཀྱི་རྒྱུན་འཛིན་པ་
མའོ་ཡུན་གངས་ཀྱིས་ཐེངས་འདིའི་གསར་འགྱུར་ཁྱབ་སྒྲོག་
ཚོགས་འདུའི་སྟེང་གླུ་གཞས་ཕུལ་བཞིན་པ།
          སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་མདོ་རྫོང་གིས་ཁྲིན་ཏུའུ་རུ་བསྡུས་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ལས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ༩བའི་ཚེས༢༣ཉིན། དར་མདོ་རྫོང་གིས་སྐབས་བཞི་བའི་ཀྲུང་གོའི་དར་མདོ་རྒྱལ་སྤྱིའི་མཛའ་གཞས་རོལ་ཚོགས་སྤེལ་རྒྱུ་ཡིན་ཞིང་། སྐབས་འདིར་དར་མདོ་མཛའ་གྲོང་དང་།  དར་མདོ་མཛའ་གཞས། དར་མདོ་མཛའ་
བརྩེ་བཅས་གཞི་གཅིག་ཏུ་སྦྱར་ཞིང་མཛའ་གཞས་བརྗོད་བྱར་བཟུང་བའི་ཁྱད་འཕགས་རོལ་མོའི་དུས་ཆེན་གྱི་བྱ་འགུལ་དེ་དར་མདོ་རྫོང་བྱང་སྒོའི་ཐང་ཆེན་དུ་མགོ་རྩོམ་རྒྱུ་ཡིན་ལ།  ཨ་ལན་ཟླ་བ་སྒྲོལ་མ་དང་། གཡང་ཅན་ལྷ་མཛེས་སོགས་བོད་ཀྱི་མིང་གྲགས་གླུ་བ་གླུ་མ་དག་གདན་འདྲེན་ཞུས་ཏེ་མགོ་རྩོམ་མཛད་སྒོའི་སྟེང་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད།
          རྒྱུས་ལོན་པ་ལྟར་ན། ཐེངས་འདིར་སྦྲ་གུར་དངོས་མང་བཤམས་སྟོན་ཁང་དང་། སྲང་ལམ་དམངས་སྲོལ་འཁྲབ་སྟོན། མེ་དཔུང་འཁྲབ་སྟོན།  ལག་བཟོའི་ཐོན་རྫས་འགྲེམ་ཚོང་། སྲང་ལམ་གྱི་ལངས་གཟུགས་ཚོན་རིས། སྐོར་བྲོ། མཛའ་གཞས། སྟོང་མིའི་ཐུན་མོང་གཉེན་སྲོལ་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་བ་དང་ཆབས་ཅིག  ལྷ་སྒང་སོགས་ཡུལ་སྐོར་མཛེས་ལྗོངས་སུ་དུས་མཉམ་གྱིས་འབྲེལ་ཡོད་བྱ་འགུལ་སྤེལ་རྒྱུ་རེད།
མཚོ་སྔོན་པོ་དྲྭ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།