གཉུག་མའི་བོད་ཀྱི་གླུ་གཞས་འགྲན་སྡུར་གྱི་འགྲན་སྡུར་བསྐྱར་མ་མཇུག་སྒྲིལ་བ།


母子组合在比赛中
འགྲན་སྡུར་ཁྲོད་ཞུགས་པའི་མ་བུ་གཉིས། 

འགྲན་སྡུར་སྤེལ་བཞིན་པའི་ཡུལ་དངོས།
              ཟླ10བའི་ཚེས16ཉིན་ནས་ཚེས17ཉིན། ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླའི་པོ་ཏ་མཚེའུ་རྒྱལ་ཁབ་སྤྱི་གླིང་དུ་སྤེལ་བཞིན་པའི2012ལོའི་ཁམས་པ་བརྙན་
འཕྲིན“བདེ་སྐྱིད་ཀྱི་སེམས་ཀྱི་ཉི་ཟླ”སྟེ་མཐོ་སྒང་གི་སྙན་གླུ། སྐལ་བཟང་ལགས་ཞེས་པའི་གཉུག་མའི་བོད་ཀྱི་གླུ་གཞས་འགྲན་སྡུར་གྱི་འགྲན་སྡུར་བསྐྱར་མ་སྤེལ་བ་རེད། ཁྲིན་ཏུའུ་ནས་སྤེལ་བའི་ལྗོངས་ཞིང་ལྔའི་འགྲན་སྡུར་ལས་གདམས་ཐོན་བྱུང་བའི་ལེ་ཚན37ལ་བསྐྱར་དུ་འགྲན་སྡུར་བྱས་མཐར་ལེ་ཚན25རྟིང་རྩོད་འགྲན་སྡུར་ཐོག་མའི་ཁྲོད་ཚུད་པ་རེད། 
              ཐེངས་འདིའི་འགྲན་སྡུར་གྱི་འགྲན་ཞུགས་པ་ནི་ཆབ་མདོ་ས་ཁུལ་དང་། དཀར་མཛེས་ཁུལ། རྔ་བ་ཁུལ། ཡུལ་ཤུལ་ཁུལ། ཀན་ལྷོ་ཁུལ། བདེ་ཆེན་ཁུལ་སོགས་ནས་ཡོང་བ་ཡིན་ཞིང་། འགྲན་སྡུར་ཀྱི་རྣམ་པ་ལ་སྐོར་བྲོ་དང་། དམངས་གླུ། ཟློས་གར། ཆང་གཞས། མཛའ་གཞས་སོགས་མང་དུ་མཆིས། འགྲན་ཞུགས་པ་རྣམས་ཀྱིས་སྙན་ཞིང་འཇེབས་པའི་སྐད་ངག་ལ་བརྟེན་ནས་ཕ་ཡུལ་གྱི་མཛེས་ལྗོངས་དང་བདེ་སྐྱིད་ཀྱི་འཚོ་བ་བརྗོད་པར་མ་ཟད། ཁོང་ཚོའི་སྙན་མོ་གླུ་ཡི་འགྱུར་ཁུག་ལས་བོད་ཀྱི་རིག་གནས་ཀྱི་སྣ་མང་རང་བཞིན་དང་། ཁོང་ཚོའི་ལས་ལ་བརྩོན་ཞིང་འཚོ་བར་སྤྲོ་བའི་བསམ་པའི་འཁྱེར་སོ་ལེགས་པོ་དེ་ཡང་ངང་ངམ་ཤུགས་ཀྱིས་མངོན་པར་མཚོན། མཚོ་སྔོན་པོ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།