མེ་ཏོག་ཚན་སྡེབ་ཀྱི་གཞས་གསར《སེམས་ཀྱི་དག་ཞིང》འགྲེམ་ལ་ཉེ་བ།


མེ་ཏོག་ཚན་སྡེབ་ཀྱི་མི་རིགས་གླུ་གཞས《སེམས་ཀྱི་དག་ཞིང》།

གླུ་མ་ཚེ་རིང་དབང་མོ་དང་ཀ་རིང་སྐྱིད་གཉིས་ཀྱིས་གྲུབ་པའི་མེ་ཏོག་ཚན་སྡེབ།


ཚེ་རིང་དབང་མོ།
         ཉེ་ཆར།  མེ་ཏོག་ཚན་སྡེབ་ཀྱིས་ཡང་བསྐྱར་གླུ་གཞས་ཀྱི་གར་སྟེགས་སུ་རང་ཉིད་ཀྱི་ནུས་ཤུགས་མངོན་གྱི་ཡོད་ཅིང་། ཚན་སྡེབ་ཀྱི་ཐོག་མའི་ཚོགས་མི་ཚེ་རིང་དབང་མོ་དང་གསར་འབྱེད་པ་ཀ་རིང་སྐྱིད་གཉིས་ཀྱིས་ཐུན་མོང་མ་ཡིན་པའི་གཞས་གསར《སེམས་ཀྱི་དག་ཞིང》ཅེས་པ་ཕབ་སྐྲུན་བྱས་པ་དང་། བོད་རིགས་རོལ་ཚོགས་ཁྲོད་མོ་གཉིས་ནི་ནུབ་ཕྱོགས་རོལ་མོའི་ཆ་དང་བོད་རིགས་རོལ་མོའི་ཆ་ཕན་ཚུན་ཟུང་སྦྱོར་བྱས་པའི་གདོང་ལེན་པའི་རོལ་ཚོགས་སུ་གྲུབ། 

ཀ་རིང་སྐྱིད།
         《སེམས་ཀྱི་དག་ཞིང》ཅེས་པའི་གཞས་ཚིག་རྩོམ་མཁན་ནི་བོད་ཁུལ་གྱི་ཤེས་ཡོན་ཅན་ཞིག་ཡིན་པ་དང་ཁྱབ་ཆེ་བའི་བོད་ཀྱི་རིག་གནས་ཡོངས་སུ་མཚོན་པར་བྱས་ལ། དབྱངས་ཀྱི་ཆ་ནས་ཀྱང་བོད་ཀྱི་རང་བྱུང་གདངས་དབྱངས་ཀྱི་ཆ་འབུར་དུ་བཏོད་ཡོད། དེར་མ་ཟད་ཚན་སྡེབ་འདིསMVཡི་ཁྲོད་ཐོག་དང་པོར་ནུབ་ཕྱོགས་ཀྱི་མི་ནག་ལ་མཉམ་འབྲེལ་སྒོས་ཤར་ནུབ་ཕྱོགས་གཉིས་ཀྱི་གླུ་གཞས་ཀྱི་ཆ་སྟེ་བོད་རིགས་ཀྱི་གླུ་གཞས་དང་ཡོ་རོབ་ཕྱོགས་ཀྱི་གླུ་གཞས་ཕན་ཚུན་མཐུན་སྦྱོར་བྱས་ཡོད་པ་རེད། 
         2012ལོར་ཀ་རིང་སྐྱིད་དང་ཚེ་རིང་དབང་མོ་གཉིས་ཀྱིས་གྲུབ་པའི་མེ་ཏོག་ཚན་སྡེབ་ཀྱིས་སྤོབས་པ་ཆེར་བསྐྱེད་ཀྱིས་ཡང་བསྐྱར་བོད་ཀྱི་རིག་གནས་དང་ཡོ་རོབ་དང་ཨ་རིའི་རྒྱུགས་ཆེ་བའི་གླུ་གཞས་རིག་གནས་མཐུན་སྦྱོར་ལེགས་པོས་ངང་གླུ་གཞས་ཀྱི་ལམ་དུ་སྙེག་ཅིང་། 《སེམས་ཀྱི་དག་ཞིང》ཅེས་པའི་གླུ་གཞས་བརྩམས་ཆོིས་འདིའི་ཕབ་སྐྲུན་བྱ་བ་ལེགས་འགྲུབ་བྱུང་ཟིན་པ་དང་། ད་ལྟ་དུས་མཇུག་གི་སྒྲིག་བཟོ་གོ་རིམ་དུ་གནས་ལ། མི་འགྱངས་པར་འགྲེམ་སྤེལ་བྱེད་རྒྱུ་ཡིན་པ་རེད།

མེ་ཏོག་ཚན་སྡེབ་དང་མི་ནག་རོལ་མོ་སྒྲིག་བཟོ་བ་ལྷན་དུ་པར་བླངས་པ།
མཚོ་སྔོན་པོ་དྲྭ་བ་ནས།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།