གསར་སྐྱེས་གླུ་བ་གདུགས་དཀར་ཡག་གི་ཆེད་བསྒྲིགས་ཐོག་མ《རེ་སྒུག》མི་འགྱངས་པར་འགྲེམ་སྤེལ་བྱེད་རྒྱུ་རེད།

གསར་སྐྱེས་གླུ་བ་གདུགས་དཀར་ཡག
  ཉེ་སྔོན། བོད་ཀྱི་གསར་སྐྱེས་གླུ་བ་གདུགས་དཀར་ཡག་གི་གླུ་གཞསདྲན་བྱུངཞེས་པ་དྲ་རྒྱའི་ཐོག་དུས་མཉམ་དུ་འགྲེམ་སྤེལ་བྱས་ཤིང་། དེ་ནི་གླུ་བ་གདུགས་དཀར་ཡག་གིས་ཁོང་གི་ཚེ་ལས་འདས་པའི་ཕུ་བོ་ལ་རྗེས་དྲན་བྱེད་པའི་ཆེད་དུ་སྒྲིག་བཟོ་བྱས་པའི་གླུ་གཞས་གསར་བ་ཞིག་ཡིན། 

  2009ལོ་ནས2010ལོའི་བར་དུ་གླུ་བ་གདུགས་དཀར་ཡག་གིས་སྔ་གཞུག་ཏུདྲན་གདུངདང་། ཞི་བདེའི་ལམ་བུ འགྱུར་མེད་ཀྱི་བསམ་པསོགས་གླུ་གཞས་ལྔ་འགྲེམ་སྤེལ་བྱས་ནས་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་པ་རེད། ད་ལོར་ཁོང་གི་ཆེད་བསྒྲིགས་ཐོག་མརེ་སྒུགཅེས་པ་གསར་དུ་བརྩམས་ཤིང་། ཟླ3པའི་ནང་དུ་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱེད་རྒྱུ་རེད། གླུ་གཞསདྲན་བྱུངཞེས་པའང་ཆེད་བསྒྲིགས་དེའི་ཁྲོད་དུ་བཞག་འདུག    
ཡོང་ཁུངས། མཚོ་སྔོན་པོ་དྲ་བ

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།