གཞོན་སྐྱེས་གཞས་པ་ནོར་བྷའི་ཆེད་སྒྲིག་བརྙན་འཁོར་མི་རིང་བར་འགྲེམ་སྤེལ་བྱ་རྒྱུ་རེད།


    
   ཕ་ཡུལ་རྔ་བ་ཁུལ་ཁྱུང་མཆུ་རྫོང་ནས་ཡིན་པའི་གཞས་པ་ནོར་བྷ་ནི་ཆུང་དུས་ནས་གཞས་གཏོང་རྒྱུར་དགའ་ཞིང་། གླུ་གར་སྒྱུ་རྩལ་ལ་སྤྲོ་བ་ཆེ་བའི་འབྲོག་ཕྲུག་རྣལ་མ་ཞིག་ཡིན། སྤྱི་ལོ་༢༠༠༨ནས་ད་བར་སྔ་གཞུག་ཏུ་ཆེད་སྒྲིག་གཉིས་འགྲེམས་སྤེལ་བྱས་ཤིང་།
བོད་ཁུལ་གྱི་ལོ་གསར་དགོང་ཚོགས་དང་རིག་རྩལ་སྤྲོ་ཚོགས་མང་པོ་རུ་ཞུགས་ནས་མང་ཚོགས་ཀྱིས་དགའ་བསུ་བླ་ལྷག་ཐོབ། 
  ད་རེབ་ཡང་རང་ནུས་ཡོད་དགུ་བཏོན་ཏེ་《ཨ་ཕ་ལགས》ཞེས་པའི་ལེགས་སྐྱེས་མངོན་ཆུང་འདི། རྒྱ་ཆེའི་ཉན་མཁན་ཡོངས་ལ་ཡུན་རིང་རྒྱབ་སྐྱོར་གྱི་བཀའ་དྲིན་རྗེས་སུ་དྲན་པའི་ཚབ་དུ་ཕུལ་བ་དང་། བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་དགྲ་འདུལ་ལགས་ཀྱིས་ན་ཟུག་རང་བཞིན་དང་འགན་འཁྲི་རང་བཞིན་གྱི་གླུ་ཚིག་བརྩམས་ཆོས་དང་། mvབརྩམས་ཆོས། འཁྲབ་གཞུང་བརྩམས་ཆོས་སོགས་ཀྱི་རྒྱུ་ཆ་འདེམས་སྒྲིག་འོག་གཞས་པ་ནོར་བྷ་རང་ཉིད་ཀྱིས་མི་རིགས་རང་གི་སྒྱུ་རྩལ་གྱི་བྲོ་བ་མ་ཡལ་བའི་གཞས་གདངས་གསར་རྩོམ་གྱི་ཆེད་སྒྲིག་བརྙན་འཁོར་འདི་མི་འགྱངས་པར་རྒྱ་ཆེའི་ཉན་མཁན་དང་ལྟ་མཁན་རྣམས་ཀྱི་ཁྲ་ཆུང་མིག་གི་དགའ་སྟོན་དང་། དར་ལུང་རྣ་བའི་གསོས་སུ་འབུལ་རྒྱུ་ཡིན་པས། ལྷན་རྒྱས་ཀྱིས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་རྒྱུ་མཁྱེན་མཁྱེན།།
ན་གཞོན་གསར་བ་དྲ་བ་ནས།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།