གཞས་མ་གཡུ་སྒང་འཛམ་ལྷའི་ཆེད་བསྒྲིགས་འོད་འཁོར་ཐོག་མ་འགྲེམ་ལ་ཉེ།


   བོད་ཀྱི་གཞོན་སྐྱེས་བརྙན་ལེན་པ་དང་སྒྲིག་སྦྱོར་བ་སྒོམ་པ་ལགས་ཀྱི་ལོ་ངོ་འགའི་རིང་གི་སློབ་སྦྱོང་དང་ཉམས་མྱོང་ཁྲོད་བླངས་པའི་mvབརྩམས་ཆོས་དག་ལ་ཀུན་གྱིས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཏུ་ད་ཐེངས་ཡང་ཁོས་བརྩོན་ལེན་དང་དཀའ་ཁག་གང་མང་གི་ཁྲོད་
གཞོན་སྐྱེས་གཞས་མ་འཛམ་ལྷའི་ཆེད་སྒྲིག་བརྙན་འཁོར་ཐོག་མ་《བྱུ་རུ་དམར་པོའི་འཛུམ་མདངས་》ལེགས་འགྲུབ་བྱུང་ནས་མི་འགྱངས་པར་རྒྱ་ཆེའི་ཉན་མཁན་དང་ལྟ་མཁན་རྣམས་ཀྱི་ཁྲ་ཆུང་མིག་གི་དགའ་སྟོན་དང་།དར་ལུང་རྣ་བའི་གསོས་སུ་འབུལ་རྒྱུ་ཡིན་པས།ལྷན་རྒྱས་ཀྱིས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་རྒྱུ་མཁྱེན་མཁྱེན།།
  གཞོན་སྐྱེས་གླུ་མ་འཛམ་ལྷ་ནི་ལང་ཚོ་རྩྭ་ཐང་ནས་འབུས་ཤིང་།སྐད་ངག་གླུ་སྐད་ལ་བརྒྱུས་པའི་དེང་རབས་གླུ་མ་ཞིག་ཡིན་ལ།ཆུང་དུས་ནས་གླུ་གར་ལ་དུང་ཞེན་ཟབ་ཅིང་ཕུག་འདུན་བརྟན་པས།ཁོ་མོའི་སྙན་འཇེབས་ཀྱི་གླུ་སྐད་རེ་རེས་ལྷིང་འཇགས་ཀྱི་རི་ལུང་གཉིད་ལས་དཀྲོགས་མྱོང་ལ་མཛེས་སྡུག་གི་རྩྭ་ཐང་གི་གར་གྱིས་མྱོས་མྱོང་། སྤྱི་ལོ2003ལོ་ནས་རང་གི་རེ་བའི་རྨི་ལམ་དེ་ལ་ལག་འཇུ་བྱས་པ་ནས་ད་བར་དུ་ཞིང་ཆེན་ཕྱི་ནང་ཀུན་གྱི་ཉན་མཁན་ཁྲི་སྟོང་མང་པོའི་དགའ་བསུ་དང་གདེང་འཇོག་མི་དམན་པ་བྱས་མྱོང་དེ།སྐབས་དང་པོའི་ཧི་མ་ལ་ཡ་རྟགས་མའི་བོད་ཀྱི་དམངས་གླུ་འགྲན་བསྡུར་སྟེང་ཕུལ་བྱུང་བྱ་དགའ་དང་སྐབས་དང་པོའི་ཉི་འོད་རྟགས་ཅན་གྱི་དམངས་ཁྲོད་རྡུང་ལེན་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ། 2004ལོར་རྨ་ལྷོ་སོག་རིགས་རང་
སྐྱོང་རྫོང་བཙུགས་ནས་ལོ་འཁོར55འགོར་བའི་རིག་རྩལ་སྤྲོ་ཚོགས་ཆེན་མོའི་སྟེང་བྱ་དགའ་ཨང་གསུམ་པ་ཐོབ་པ་བཅས་སྔ་གཞག་ཏུ་བྱ་དགའ་རབ་དང་རིམ་པ་གང་མང་ཐོབ་མྱོང་ལ། དེ་ཡང་ཁོ་མོར་མཚོན་ན་ངོ་མཚར་གྱི་ཁྱད་ཆོས་གཞན་ཞིག་ཡོད་པ་ནི་གླུ་གཞས་རྐྱང་རྐྱང་ཙམ་མ་ཡིན་པར། སྒྲ་སྙན་རྡུང་ལེན་དང་བོད་ཀྱི་དམངས་གླུ་སོགས་ཕྱོགས་གང་ནས་བཤད་ཀྱང་ཉན་མཁན་ཁྲི་སྟོང་མང་པོའི་ཡིད་དབང་ཅིག་ཅར་ཕྲོགས་མྱོང་། ཐེངས་འདིར་ཡང་ཁོ་མོའི་ཕ་སྐད་གཙང་མའི་ཆེད་སྒྲིག་བརྙན་འཁོར་ཐོག་མ་སྟེ་བྱུ་རུ་དམར་པོའི་འཛུམ་མདངས་ཅེས་པ་འདི་ནི་ཁོ་མོའི་ལོ་ངོ་དུ་མའི་འབད་བརྩོན་གྱི་འབྲས་རྟགས་ཤིག་དང་ཡང་ན་གླུ་མ་ཁོ་མོའི་དགའ་ཁ་འཁྱེར་ཕྱོགས་ལས་བསླངས་བའི་ཕུགས་བསམ་གྱི་བལྟམས་པའི་རེ་བ་དང་ཡིད་ཆེས་ཞིག་ཀྱང་ཡིན།  ན་གཞོན་གསར་པ་དྲ་བ་ནས།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།