བསོད་ནམས་མགོན་པོས《CCTVམཚར་བཀྲག་བརྩོན་འགྲན》གླུ་བའི་འགྲན་རྩོད་དུ་རྒྱལ་ཁ་བླངས་པ།



འགྲན་ཡུལ་དངོས།
        ཟླ5བའི་ཚེས8ཉིན། ཀྲུང་དབྱང་བརྙན་འཕྲིན་ཁང་གི་གླུ་དབྱངས་ལེ་ཚན《མཚར་བཀྲག་བརྩོན་འགྲན། སོག་བོད་ཡུ་གུར་ཧོས་ཁྲོའོ་དབྱི་ཀྲོང་རིགས་ཀྱི་གླུ་བའི་རྒྱལ་ཕམ་འགྲན་བསྡུར》
གྱི་བོད་རིགས་ཀྱི་རྟིང་རྩོད་འགྲན་བསྡུར་མཇུག་སྒྲིལ་ཞིང་། དེ་ཡང་ཛ་དྲག་གི་འགྲན་བསྡུར་ཆེན་པོར་བརྒྱུད། མཐར་བསོད་ནམས་མགོན་པོས་བོད་རིགས་ཀྱི་ཨང་དང་པོའི་རྒྱལ་ཁ་བླངས།

འགྲན་ཡུལ་དངོས།
        བོད་རིགས་ཀྱི་རྟིང་རྩོད་འགྲན་བསྡུར་དུ་ཁྱད་དུ་འཕགས་པའི་གངས་ལྗོངས་ཀྱི་རྣམ་པ་ཡོངས་སུ་ངོམ་ཞིང་། འགྲན་ཞུགས་པ་རྣམས་ཀྱི་སྙན་འཇེབས་ཀྱི་སྐད་ངག་ལས་ཡུལ་དངོས་
གཟིགས་མོ་བ་རྣམས་ལ་སྤྲོ་བ་རབ་ཏུ་སྦྱིན་ལ། གླུ་བ་བཀྲ་ཤིས་ཉི་མས《སྦྲ་ནག》དང་། 《ཨ་ཁུ་པདྨ》སོགས་གླུ་གཞས་བླངས་ཏེ་རྣམ་པ་ཚོ་བག་བྲོ་བར་བྱས། ཁོས་འགྲན་བསྡུར་དུ་ཞུགས་པ་ནི་ཨང་རིམ་དང་རྒྱལ་ཁའི་ཆེད་དུ་མ་ཡིན་པར། རྒྱལ་ཡོངས་ཀྱི་གཟིགས་མོ་བ་རྣམས་ལ་བོད་ཀྱི་གླུ་གར་རིག་གནས་འདི་ཡོངས་སུ་ངོམ་ཅི་ཐུབ་བྱེད་རྒྱུ་དེ་ཡིན་པར་བརྗོད།

གླུ་མ་ལུང་གཡང་སྒྲོལ་མས་གླུ་གཞས་ཕུལ་བ།
        ཛ་དྲག་ཆེ་བའི་འགྲན་བསྡུར་ཡུལ་དངོས་སུ། དཔྱད་འདེམ་གྱི་འགན་བླངས་པའི་བོད་རིགས་གླུ་མ་ལུང་གཡང་སྒྲོལ་མས་གླུ་གཞས་ཕུལ་བ་དང་། བྲོ་དང་གར་ལ་དད་པའི་བོད་རིགས་ན་གཞོན་རྣམས་གར་སྟེགས་སྟེང་དཔྱད་འདེམ་པ་དང་ལྷན་དུ་སྐོར་བྲོ་འཁྲབ་པ་རེད།
བསོད་ནམས་མགོན་པོས《CCTVམཚར་བཀྲག་བརྩོན་འགྲན》གླུ་བའི་འགྲན་རྩོད་དུ་རྒྱལ་ཁ་བླངས་པ།
བསོད་ནམས་མགོན་པོ།
        བསོད་ནམས་མགོན་པོ།  བོད་རིགས། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་བཀྲ་ཤིས་ཁ་ནས་ཡིན། སི་ཁྲོན་རྒྱང་བསྒྲགས་སློབ་གྲྭ་ནས་སློབ་མཐར་ཕྱིན་ཞིང་། 2006ལོར་ཀྲུང་གོའི་སྐབས་བཅོ་བརྒྱད་པའི་ལུས་རྩལ་བཤམས་ཚོགས་ཆེན་མོའི་མགོ་རྩོམ་མཛད་སྒོར་ཞུགས་པ་དང་། 2007ལོར་སི་ཁྲོན་རོལ་མོ་སློབ་གླིང“མགྲིན་དབྱངས་རིམ་བཅུའི་དཔང་ཡིག”ཐོབ། 2011ལོར་ཀྲུང་གོའི་བོད་ཀྱི་གཞས་ཚོགས་རྒྱལ་ཡོངས“འཕྲེང་བཅུ”རུ་ཨང་དྲུག་པ་བླངས། 2012ལོར་མི་སྒེར་གྱི་རྐྱང་གཞས《བརྩེ་བའི་མིག་ཆུ》འགྲེམ་སྤེལ་བྱས། 2012ལོིར་ཆེད་ཞུས་ལྟར་སི་ཁྲོན་བརྙན་འཕྲིན་ཁང་གི་ལོ་གསར་དགོང་ཚོགས་སུ་ཞུགས། 2012ལོའི་ཟླ5བར། ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཕྱོགས་བསྡུས་རིག་རྩལ་ལེ་ཚན་སྟེ《ཛ་དྲག6+1》རུ་ཞུགས་ནས་གཟའ་འཁོར་གྱི་ཨང་དང་པོ་དང་ཟླ་འཁོར་གྱི་ཨང་དང་པོ་བཅས་བླངས།
མཚོ་སྔོན་པོ་དྲ་བ་ནས།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།