བོད་ཀྱི་གླུ་མ་ཚེ་དབང་ལྷ་མོའི་ཆེད་སྒྲིག་བརྙན་འཁོར་དང་པོ《གངས་རིའི་བུ་མོ》ཞེས་པ་འགྲེམ་སྤེལ་བྱས་པ།




གླུ་མ་ཚེ་དབང་ལྷ་མོའི་ཆེད་སྒྲིག་བརྙན་འཁོར་དང་པོ《གངས་རིའི་བུ་མོ》ཞེས་པའི་འགྲེམ་སྤེལ་པར་རིས།
         
  ད་སྒྲིག་བརྙན་འཁོར་ཐོག་མ«གངས་རིའི་བུ་མོ་»ཞེས་པ་དངོས་སུ་འགྲེམ་སྤེལ་བྱས་པ་དང་དེའི་ནང་བརྗོད་དོན་གླུ་དབྱངས“གངས་རིའི་བུ་མོ”གཙོ་བྱས་པའི“མེས་པོའི་རྔམ་བརྗིད”དང་“མི་ཚེའི་བཞུད་ལམ་རིང་མོ །” “བསོད་ནམས།” “ལས་དབང༌། ” “ཕ་ལོ་མ་ལོ།”  “ཆང་གཞས།” “ བྱམས་ལྡན་ཨ་མའི་བརྩེ་བ།” “རེ་བའི་ལྷན་འཛོམས།” “སྟོང་རི་ལྷ་མཚོ།” “བརྩེ་བའི་འགྱུར་ཁུགས།”  “བོད་པའི་གཞས”སོགས་སྙན་འཇེབས་ལྡན་པའི་གཞས་གསར་བ་གང་མང་པོ་ཞིག་བཀོད་ཡོད།
ཚེ་དབང་ལྷ་མོ་ནི་ཕ་ཡུལ་དཀར་མཛེས་ས་ཁུལ་ནས་གླུ་སྐད་ལ་གསོན་ཤུགས་རྒྱས་པའི་བོད་ཀྱི་གླུ་མ་ཞིག་ཡིན་ལ།
༢༠༠༧ལོར“ནགས་ཆུའི་སྐོར་བྲོ”དང“གནས་མཆོག་ལྷ་ས”ཞེས་པའི་གཞས་གཉིས་ལས་ཁོ་མོའི་གླུ་སྐད་ཆེས་ཐོག་མར་གངས་ཅན་ཡུལ་འདིར་ཕུལ།
༢༠༠༨ལོར་ཁྲུང་ཆིན་ལྷོ་ནུབ་སློབ་ཆེན་རོལ་མོ་སྡེ་ཁག་ནས་སློབ་སྦྱོང་བྱས།
༢༠༠༩ལོར་ཁྲུང་ཆིན་ན་གཞོན་གླུ་བའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་བླངས།
༢༠༠༩དང་༢༠༡༠ལོ་གཉིས་ལ་བསྟུད་མར་མཚོ་སྔོན་ནས་བསྡུས་པའི་བོད་ཀྱི་ལོ་གསར་དགོང་ཚོགས་ལ་ཞུགས་ནས་ཀུན་གྱིས་གདེངས་འཇོག་ཚད་མཐོན་པོ་བྱས།

༢༠༡༡ལོར་ཨ་རི་ནས་རྒྱལ་སྤྱིའི་མི་རིགས་རོལ་མོའི་རིག་གནས་བགྲོ་གླེང་ལ་ཞུགས།


མཇུག་མཐར། ཁུ་བྱུག་སྔོན་མོའི་གསུང་དབྱངས་དང་འགྲན་པའི་གླུ་མ་ཚེ་དབང་ལྷ་མོའི་བྱ་གཞག་ཐམས་ཅད་གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་སྨོན་འདུན་ཞུ།

2 comments:

  1. ངོ་སྤྲོད་གནང་བ་བཀའ་དྲིན་ཆེ།

    ReplyDelete
  2. ངོ་སྤྲོད་གནང་བ་བཀའ་དྲིན་ཆེ། འདི་ལྟར་བོད་ཀྱི་གླུ་གཞས་གསར་པའི་རིགས་མཁོ་སྤྲོད་གནང་བ་དེས་ཕན་ཐོགས་ཆེན་པོ་འདུག

    ReplyDelete

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།